སྙིང་གི་སྒྲ།


དུང་བའི་སེམས་པ་ཅན་པོ།།   
དམ་བཅའི་མདུད་པ་ཅན་པོ།།   
བདག་གི་དུས་གསུམ་ཀླུང་ན།།    
ཡལ་མེད་རྟག་བརྟན་ཅན་པོ།།                

མིག་གི་དཔྱིད་དུ་འཇོ་བའི།།    
སེམས་ཀྱི་ནང་ལ་ལྷུང་བའི།།      
ཟླ་བའི་འཛུམ་དཀར་ཅན་པོ།།    
ལུས་བདེ་སེམས་སྐྱིད་ཨེ་ཡིན།།        


ཅང་མེད་བུ་ལོ་ཞིག་གི།    
མིག་གི་ལྟ་ས་བསམ་ནས།།   
སེམས་ཀྱི་ཉན་ས་བསམ་ནས།།    
རེ་བའི་རྒྱང་ལྟོས་བྱས་ཡོད།།           


སྒུག་ནས་སྐྲ་ལོ་དཀར་ཡོད།།    
དྲན་ནས་མིག་ཆུ་ཤོར་ཡོད།།    
ཉིན་མཚན་དུས་དྲུག་ནམ་ཡང་།།    
བརྗེད་མེད་སྙིང་ལ་སུམ་ཡོད།།                

ཡ་ཆུང་ཁོག་པའི་ནང་གི།   
དོན་ལྔའི་དྭངས་མ་ཁྱེད་ཡིན།།    
འབྱུང་བཞིའི་ལང་ཚོ་རྒུད་རུང་།།    
དྲན་པའི་དྲོད་ལོག་ཁྱོད་ཡིན།།      

ཟླ་བ་ཁེར་འགྲོ་ནས